ཀོང་པོའི་ལོ་གསར་སྲུང་བརྩི།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཕྱི་ཟླ་ ༡༢ ཚེས་༤ ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་སེན་ཕརེན་སིསྐོ་རུ་ལྕགས་ཟམ་པ་ཟློས་གར་ཚོགས་པས་གོ་སྒྲིག་གནང་སྟེ། ཨ་རིའི་ནང་གནས་བཞུགས་བོད་ཀྱི་ཟློས་གར་ཚོགས་མི་ཟུར་པ་སྒྱུ་རྩལ་བ་མང་པོ་གདན་ཞུས་ཀྱིས་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་མཉམ་འདུས་ཀྱི་ལས་འགུལ་ཞིག་དང་། བོད་ཟླ་ ༡༠ ཚེས་ ༡ སྟེ་བོད་ནང་རྒྱལ་པོའི་ལོ་གསར་དང་། སོ་ནམས་ལོ་གསར། ཀོང་པོའི་ལོ་གསར་སོགས་ལོ་གསར་གཏོང་སྲོལ་སྣ་མང་ཡོད་པའི་ཁོངས་ནས་ཀོང་པོའི་ལོ་གསར་འཁེལ་བའི་ཉིན་མོར་སྲུང་བརྩིའི་ལས་རིམ་གོ་སྒྲིག་གནང་སྟེ་ཚོགས་ཡོད་པ་རེད། ལྕགས་ཟམ་པ་ཟློས་གར་ཚོགས་པ་ཐོག་མར་འཛུགས་མཁན་ཁོངས་སུ་ཡོད་པ་ཟློས་གར་སྒྱུ་རྩལ་བ་ཚེ་རིང་དབང་མོ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག