བོད་ཀྱི་སེམས་ཁམས་རིག་པ་དང་ནང་པའི་ཚན་རིག་གིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན།

2023.09.26
བོད་ཀྱི་སེམས་ཁམས་རིག་པ་དང་ནང་པའི་ཚན་རིག་གིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན།
བློ་བཟང་དོན་གྲུབ།

ཨ་རིའི་ཨོརིགྷན་ (Oregon) མངའ་སྡེའི་པོརཊི་ལེནཌི་ (Portland) གྲོང་ཁྱེར་ནང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་འབྲེལ་ནས་མང་ཚོགས་ཁྲོད་བཟང་སྤྱོད་གོང་སྤེལ་གཏོང་ཕྱོགས་ཐད་ལ་བགྲོ་གླེང་གནང་པ་ལྟར།འཛམ་གླིང་ནུབ་ཕྱོགས་ཀྱི་དཔལ་འབྱོར་ཡར་ཐོན་གྱི་ཡུལ་གྲུའི་ནང་སེམས་ཀྱི་དཀའ་ངལ་ཡོད་པ་རྣམས་ལ་བོད་ཀྱི་སེམས་ཁམས་རིག་པ་དང་ནང་པའི་ཚན་རིག་གིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན་གྱི་ཐད་ལས་རིམ་གོ་སྒྲིག་འགན་འཁུར་བ་བློ་བཟང་དོན་གྲུབ་ལགས་དང་། (Rhode Island University) རོཌི་ཨཡེལེནཌི་གཙུག་ལག་སློབ་ཆེན་ནང་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་པ་འབུམ་རམས་པ་ཐུབ་བསྟན་བསྟན་དར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎