གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གྲ་སྒྲིག་དང་། དད་ལྡན་ཆོས་ཞུ་བ་ཚོས་སྔོན་ཚུད་ནས་ཡིད་གཟབ་དང་གྲ་སྒྲིག་ཞུ་སྒོའི་སྐོར།
2023.12.07

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་སྦི་ཧཱར་མངའ་སྡེའི་གནས་མཆོག་རིང་མིན་ཕྱི་ཟླ་ ༡༢ པའི་ཟླ་མཇུག་དུ་གནས་མཆོག་རྡོ་རྗེ་གདན་ལ་ཆིབས་སྒྱུར་བསྐྱང་གནང་གི་ཡོད་པ་རེད། དེ་དང་འབྲེལ་ཐེངས་དེའི་ཆིབས་སྒྱུར་སྐབས་བོད་མི་གཙོ་བོར་གྱུར་བའི་ཕྱི་ནང་དད་ལྡན་ཁྲི་འཚོ་མང་པོ་གནས་དེར་བཅར་གྱི་ཡོད་པར་བརྟེན། བཀའ་ཆོས་དང་འབྲེལ་བའི་མང་ཚོགས་ཀྱིས་སྔོན་ཚུད་ནས་མཁྱེན་རྟོགས་དགོས་པའི་གལ་གནད་དང་། དད་ལྡན་ཆོས་ཞུ་བ་ཚོས་ཡིད་གཟབ་དང་གྲ་སྒྲིག་ཞུ་སྒོའི་ཐད་ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག