ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་བྷོ་ཀྲའི་སྐད་ཡིག་སྲུང་སྐྱོབ་མ་ཞུས་ཚེ་བོད་བརྒྱུད་ནང་བསྟན་རིམ་བཞིན་ཉམས་རྒུད་འགྲོ་ཉེན་ཡོད་སྐོར།

2024.10.22
ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་བྷོ་ཀྲའི་སྐད་ཡིག་སྲུང་སྐྱོབ་མ་ཞུས་ཚེ་བོད་བརྒྱུད་ནང་བསྟན་རིམ་བཞིན་ཉམས་རྒུད་འགྲོ་ཉེན་ཡོད་སྐོར།
News Track, Indian Newspaper

ཐེངས་འདིའི་གནས་འདྲིའི་ལེ་ཚན་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གནས་བསྟན་སྡེ་པའི་ལུགས་ཀྱིས་ལྷ་བབས་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་སྐྱབས་རྗེ་གླིང་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་གིས་པ་ལིའི་སྐད་ཡིག་དེ་བཞིན་ཡུལ་དེའི་གནའ་བོའི་སྐད་ཡིག་ལ་ངོས་འཛིན་གནང་བར་སྲིད་བློན་མོ་དྷི་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཡང་བཀའ་སློབ་གནང་མཁན་གཞན་ཞིག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་བྷོ་ཀྲའི་སྐད་ཡིག་སྲུང་སྐྱོབ་མ་ཞུས་ཚེ་བོད་བརྒྱུད་ནང་བསྟན་རིམ་བཞིན་ཉམས་རྒུད་འགྲོ་ཉེན་ཡོད་སྐོར་ཞུས་པ་སོགས་ཀྱི་ཐད་འབྲེལ་ཡོད་མི་སྣར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་པ་ཁག་གསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎