བལ་བོད་ས་མཚམས་ནུབ་རི་ཁུལ་གྱི་ཡུལ་མི་ཉམས་ཐག་ཚོར་དམིགས་ཏེ་བལ་ཡུལ་རྒྱལ་ས་ཀཐ་མན་ཌུ་རུ་བཙུགས་པའི་སྔ་འགྱུར་རྗེས་དྲན་སློབ་གྲྭ

2024.05.07
བལ་བོད་ས་མཚམས་ནུབ་རི་ཁུལ་གྱི་ཡུལ་མི་ཉམས་ཐག་ཚོར་དམིགས་ཏེ་བལ་ཡུལ་རྒྱལ་ས་ཀཐ་མན་ཌུ་རུ་བཙུགས་པའི་སྔ་འགྱུར་རྗེས་དྲན་སློབ་གྲྭ
Ngagyur Memorial School, Nepal

བལ་བོད་ས་མཚམས་ནུབ་རི་ཁུལ་གྱི་ཡུལ་མི་ཉམས་ཐག་ཚོར་དམིགས་ཏེ་བལ་ཡུལ་རྒྱལ་ས་ཀཐ་མན་ཌུ་རུ་ སྔ་འགྱུར་རྗེས་དྲན་སློབ་གྲྭ་ཞེས་པ་ཕྱི་ལོ་ ༢༠༡༥ ལོར་བཙུགས་ནས་ད་བར་སློབ་ཕྲུག་ ༦༦༨ བྱུང་ཞིང་།  སློབ་གྲྭ་འདི་བཞིན་བལ་ཡུལ་ནང་དུ་གཞུང་འབྲེལ་གྱི་དེབ་སྐྱེལ་ཁུངས་ལྡན་གནང་བ་ཞིག་སྟེ་རྒྱལ་ཡོངས་ཡིག་རྒྱུགས་སྤྱི་མཚུངས་ལྟར་གནང་ལམ་བཟོས་ནས་འདི་ལོ་འཛིན་རིམ་ ༡༢ རིམ་པའི་སློབ་མ་ ༡༩ སློབ་མཐར་སོན་གྱི་ཡོད་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སློབ་གྲྭའི་འགན་འཁུར་བ་མཁན་པོ་པདྨ་མཐའ་ཡས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་། 

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎