བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཆེད་དུ་སྙན་གྲགས་བཟོ་བཀོད་ཁང་གིས་ཞིབ་འཇུག་གི་ལས་འཆར་སྤེལ་བཞིན་ཡོད་པའི་སྐོར།

2025.02.04
བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཆེད་དུ་སྙན་གྲགས་བཟོ་བཀོད་ཁང་གིས་ཞིབ་འཇུག་གི་ལས་འཆར་སྤེལ་བཞིན་ཡོད་པའི་སྐོར།
སྙན་གྲགས་བཟོ་བཀོད་ཁང་།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་སྙན་གྲགས་བཟོ་བཀོད་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་རྒྱུའི་སླད་དྷ་རམ་ས་ལར་ཡན་ལག་ལས་ཁུངས་ཤིག་བཙུགས་ཡོད་ཅིང་། དྷ་སའི་ཁུལ་གྱི་ཁང་པ་རྣམས་ས་ཡོམ་གྱི་འགོག་རྒོལ་ནུས་པ་ཆེ་རུ་གཏོང་ཆེད་ཞིབ་འཇུག་གི་ལས་འཆར་སྤེལ་བཞིན་ཡོད་པར་བོད་ཀྱི་ཐེབས་རྩ་ཁང་ནས་རོགས་དངུལ་ཐོབ་ཡོད་པ་དང་། དེ་བཞིན་ཟང་དཀར་ཁུལ་གྱི་དགོན་པ་དང་བཙུན་དགོན་ཁག་གི་ཡིག་ཆ་ཉར་ཚགས་དང་སྲུང་སྐྱོབ་ཆེད་ཞིབ་འཇུག་གི་ལས་འཆར་སྤེལ་བཞིན་ཡོད་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་༢༠༢༥ལོའི་ Rowell ཐེབས་རྩའི་རོགས་དངུལ་ཐོབ་ཡོད་པའི་སྐོར་སོགས་སྙན་གྲགས་བཟོ་བཀོད་ཁང་གསར་འཛུགས་གནང་མཁན་བསྟན་འཛིན་སྙན་གྲགས་ལགས་སུ་གསར་འགོད་སྒྲོལ་མ་ལྷ་མོས་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎