ཁྲོམ་སའི་རྩོད་རྙོག་ཐག་གཅོད་བྱུང་འདུག
2017.10.17
༄༅། །བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་བྱང་ཕྱོགས་ཤིམ་ལ་གྲོང་ཁྱེར་ནང་ཚོང་ལས་གནང་མཁན་བོད་མིའི་ཚོང་པ་དང་ཧི་མ་ཅལ་མངའ་སྡེའི་གཞུང་དབར་ཁྲོམ་སའི་རྩོད་རྙོག་ཐད་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་བོད་མིའི་ཚོང་པ་ཚོར་བདེན་པ་ཡོད་པའི་ཐག་གཅོད་གནང་སྟེ། མངའ་སྡེའི་གཞུང་ལ་བོད་མིའི་ཚོང་པ་ཚོའི་ཆེད་ཁྲོམ་ས་གསར་རྒྱག་གནང་དགོས་པའི་བཀའ་གནང་འདུག འདི་ཐད་འབྲེལ་ཡོད་ཁག་ཅིག་ལ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་ཚེ་དབང་དངོས་གྲུབ།