སྨོན་ལམ་ཚིག་མཇོད་ཆེན་མོ་ཕྱོགས་བསྡུས་ཀྱི་ལས་གཞི་མཇུལ་སྒྲིལ།

2021.01.23
སྨོན་ལམ་ཚིག་མཇོད་ཆེན་མོ་ཕྱོགས་བསྡུས་ཀྱི་ལས་གཞི་མཇུལ་སྒྲིལ། བོད་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འདས་པའི་ལོ་ ༩ འི་རིང་གི་སྨོན་ལམ་ཚིག་མཇོད་ཆེན་མོ་ཕྱོགས་བསྡུས་ཀྱི་ལས་གཞི།
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་།

༄༅།།བཞུགས་སྒར་རྡ་རམ་ས་ལར་ཆེད་འཛུགས་བྱས་པའི་བོད་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འདས་པའི་ལོ་ ༩ འི་རིང་གི་སྨོན་ལམ་ཚིག་མཇོད་ཆེན་མོ་ཕྱོགས་བསྡུས་ཀྱི་ལས་གཞི་མཇུལ་སྒྲིལ་གྲབ་ཀྱི་གནས་སུ་སླེབས་ཡོད་ཅིང་། ཞིབ་འཇུག་ཁང་གི་འགན་འཁུར་བ་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་ན། ད་བར་སྨོན་ལམ་བོད་ཡིག་ཡིག་གཟུགས་དང་། བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་སོགས་ཕབ་ལེན་བེད་སྤྱོད་གནང་མཁན་ས་ཡ་བརྒྱད་ཙམ་བྱུང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་ལྷན་སྨོན་ལམ་བརྡ་འཕྲིན་ལས་འཆར་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎