འབྲུམ་ཐོར་གྱི་རིམས་ནད།
2022.07.04
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། Monkeypox ཟེར་བའི་འབྲུམ་ཐོར་གྱི་རིམས་ནད་དེ་ནི་ལྷ་འབྲུམ་དང་འདྲ་པོ་ཡོད་པའི་ཆ་དང་། འབྲུམ་ནད་དེ་ཐོག་མར་དུད་འགྲོ་དང་འགྲོ་བ་མིའི་ནང་རྙེད་སོན་བྱུང་བའི་ལོ་རྒྱུས། འགྲོ་བ་མིའི་ནང་འགོས་སྟངས་དང་ནད་རྟགས། ཉེན་ཁའི་རང་བཞིན་ཆེ་ཆུང་། ད་བར་གྱི་འགྱུར་ལྡོག་དང་འཕེལ་རིམ་གྱི་གནས་སྟངས། ལྷག་དོན་དེ་སྔའི་ལོ་རྒྱུས་ཐོག་ནས་འབྲུམ་ཐོར་གྱི་རིམས་ནད་ཀྱི་ནད་རྟགས་དང་། དེང་སྐབས་ཁྱབ་གདལ་དུ་འགྲོ་བཞིན་པའི་འབྲུམ་ཐོར་རིམས་ནད་དེ་ཉིད་ཀྱི་ནད་རྟགས་ཀྱི་ཁྱད་པར་སོགས་ཀྱི་ཐད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། ཨ་རིའི་ CDC དེ་བཞིན་ཚན་པ་སོགས་ཀྱིས་ངོས་འཛིན་གནང་ཕྱོགས་སྐོར་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
ཙོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།