དབུ་མའི་ལམ་དང་རང་བཙན་སྐོར་དམིགས་བསལ་བགྲོ་གླེང།


2015.11.12
དབུ་མའི་ལམ་དང་རང་བཙན་སྐོར་དམིགས་བསལ་བགྲོ་གླེང། དབུ་མའི་ལམ་དང་རང་བཙན་སྐོར་དམིགས་བསལ་བགྲོ་གླེང།
Photo: RFA

༄༅།    །བོད་མིའི་འཐབ་རྩོད་ནང་དབུ་མའི་ལམ་དང་རང་བཙན་ལངས་ཕྱོགས་བཟུང་མཁན་ཡོད་པ་གཞི་ལ་བཞག་སྟེ། མི་མང་གང་འཚམས་འདུས་པའི་སར་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ལས་འཕར་ཀུན་དགའ་བཀྲ་ཤིས་ལགས་དང་། རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་དང་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་དབར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་ཉེ་འཆར་བཞུགས་སྒར་དྷ་རམ་ས་ལའི་ནོར་བུ་མགྲོན་ཁང་ནང་དམིགས་བསལ་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་རེད། དམིགས་བསལ་བགྲོ་གླེང་གི་ལས་རིམ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་ཐོག་ལ་རྒྱང་སྲིང་བྱ་རྒྱུ་ཡིན་པས་དེ་དོན་དགོངས་འཇག་ཡོང་བ་ཞུ།
དམིགས་བསལ་བགྲོ་གླེང་དེ་རྒྱ་གར་ནང་ལ་ཟླ་བ་འདིའི་ཚེས་༡༤གཟའ་སྤེན་པའི་ཉིན་དགུང་ཕྱག་ཚོད་ ༣ དང་ཕྱེད་ཀ་ནས་ཕྱག་ཚོད་ ༥ དང་ཕྱེད་ཀའི་བར་དང་། ཡང་ དགོང་དྲོའི་ཕྱག་ཚོད་ ༡༠ དང་ཕྱེད་ཀ་ནས་ དགོང་དྲོའི་ཕྱག་ཚོད་ ༡༢ དང་ཕྱེད་ཀའི་བར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་ཐོག་ལ་གསན་གཟིགས་གནང་ཐུབ་ཀྱི་རེད། དམིགས་བསལ་རྒྱང་སྲིང་འདི་མུ་མཐུད་དེ་ཕྱི་ཚེས་༡༥དང་༡༦སོ་སོར་དུས་ཚོད་ད་གའི་ཐོག་བསྐྱར་དུ་གསན་གཟིགས་ཐུབ་ཀྱི་རེད། དེ་ལུགས་རྣམ་པ་ཚོས་ཐུགས་སྣང་གནང་རོགས་ཞུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎