༧པཎ་ཆེན་རིན་པོ་ཆེ་མཆོག་དང་རང་ལུས་མེར་བསྲེགས་གནང་མཁན་ཡོངས་ཀྱི་ཆེད་དུ་གཞས་སྣ་ཁག་ཅིག་དབྱིན་སྐད་ཐོག་ནས་འདོན་སྤེལ་གནང་རྒྱུ།
2022.04.28
མི་རབས་གསར་པའི་ལེ་ཚན་ནང་། སུད་སི་གནས་བཞུགས་སྒྱུ་རྩལ་བ་བློ་བསྟན་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་མིང་བྱང་འོག ཡུ་རོབ་ཁུལ་དུ་གླུ་གཞས་ཀྱི་རྣམ་དཔྱོད་ཐོག་ནས། བོད་དོན་ངོ་སྤྲོད་དང་གོ་རྟོགས་ཁྱབ་སྤེལ་གྱི་སྐོར་བསྐྱོད་གནང་བཞིན་པའི་ཁྲོད། ༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་ཅེས་པ་དང་། དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ། དབྱིན་སྐད་ཐོག་ནས་གཞས་སྣ་ཁག་ཅིག་འདོན་སྤེལ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར། འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བློ་བསྟན་ལགས་སུ་བཅར་འདྲི་ཕྱོགས་སྒྲིག་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག