༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཨ་རིའི་རྒྱལ་སའི་ཁུལ་གྱི་མཛད་འཕྲིན།

2024.05.04
༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཨ་རིའི་རྒྱལ་སའི་ཁུལ་གྱི་མཛད་འཕྲིན།
RFA/Passang Dhonden

འདི་ག་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་ཆོས་ཚོགས་དང་ཚོགས་པ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་༧ཞབས་སོར་འཁོད་དེ་ཆོས་འབྲེལ་ཙམ་མ་ཡིན་པར་རླུང་འཕྲིན་ལས་ཁུངས་གཉིས་ཀྱི་བཅར་འདྲི་དང་ལན་དང་། ལྷག་པར་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིགས་འོག་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་ལྷན་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་ཡོད་རེད་ལ་མུ་མཐུད་ནས་ཉིན་གཉིས་ཙམ་རིང་མཛད་འཆར་ཡོད་པ་རེད། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེའི་མཛད་འཕྲིན་དང་འབྲེལ་བའི་སྐོར་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་མཐུན་ཚོགས་ཀྱི་འགན་འཛིན་གོ་རབས་པད་མ་བདེ་ཆེན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎