འབྲས་ནད་བཅོས་ཐབས་དང་སྔོན་འགོག
ཉེ་ལམ་དབྱིན་ཡུལ་གྱི་རྒྱལ་པོ་Charlesདང་སྲས་མོ་Catherine གཉིས་ལ་སྔ་རྗེས་སུ་འབྲས་ནད་སྙུན་གཞི་ཕོག་པའི་གནས་ཚུལ་བྱུང་རྗེས། དབྱིན་ཡུལ་ནང་མི་མང་གིས་རྒྱལ་རྒྱུད་ལ་དགའ་ཞན་ཆེན་བའི་ཧ་ཅང་བློ་འཚབ་བྱེད་ཡུལ་ཞིག་ཆགས་ཡོད་པ་དང་། གཞན་ཡང་ཁོང་གཉིས་ཀྱི་འབྲས་ནད་རིག་གང་ཡིན་མིན་དམངས་ཀྱིས་གསལ་ཁ་ཤེས་རྟོག་མེད་པ་རེད། འབྲས་ནད་ཞེས་པའི་འཇིགས་སུ་རུང་ནད་གཞི་དེ་མཐོ་རྒྱལ་པོ་དང་དམའ་སྤྲང་པོ་སུ་ཡིན་ལ་དབྱེར་མེད་ཀྱིས་ཕོགས་སྲིད་པ་ཞིག་རེད། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡང་འབྲས་ནད་ཀྱི་རྐྱེན་གྱིས་འདས་གྲོངས་སུ་འགྲོ་མཁན་ཡང་ཡང་ཡོང་གིན་ཡོད་པ་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་འབྲས་ནད་བཅོས་ཐབས་ཡོད་མེད་དང་དྲག་བསྐྱེད་ཡོང་མཁན་གྱི་བརྒྱ་ཆ་ཇི་ཙམ་ཡོད་མེད།གཞན་ཡང་འབྲས་ནད་ཀྱི་རྒྱུ་རྐྱེན་དང་སྔོན་འགོག་སོགས་ཀྱི་སྐོར་གོ་རྟོགས་ཤེས་བྱ་སྤེལ་སླད།བོད་ལུགས་སྲོལ་བརྒྱུད་ཀྱི་ཨེམ་རྗེ་ཉི་མ་ལགས་དང་ཕྱི་ལུགས་སྨན་པ་སྐལ་བཟང་ལགས་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།