དངུལ་ལྷག་རྣམས་བོད་མིའི་རང་དབང་མ་དངུལ་ཐེབས་རྩར་ཞལ་འདེབས།
2021.06.11
བོད་མིའི་རང་དབང་མ་དངུལ་ཐེབས་རྩ་ཞེས་པའི་བོད་དོན་གྱི་ལས་དོན་ནུས་པ་ཆེ་རུ་དང་ཁྱབ་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་རྒྱུན་གནས་ཐུབ་ཐབས་སུ་༢༠༢༡ལོའི་སྲིད་སྐྱོང་གི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་ཆེད་དུ་བསྡུ་རུབ་གནང་བའི་མ་དངུལ་གྱི་ལྷག་འཕྲོས་རྣམས་ཚོགས་པ་དེར་ཞལ་འདེབས་སུ་ཕུལ་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།