༢༠༢༢ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དྲ་ལམ་ཐོག་ནས་འཚོགས་གནང་སྐབས་བོད་ནས་ཡང་མཉམ་ཞུགས་བྱེད་མཁན་བྱུང་ཡོད་པ།
2022.02.16

༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག སྤྱི་ལོ་༢༠༢༢ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཕར་མ་དྲ་ལམ་ཐོག་ནས་འཚོགས་གནང་སྐབས།
རྒྱ་གར་དང་བལ་ཡུལ་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དགོན་སྡེ་ཁག་དང་དད་ལྡན་པ་དེ་བཞིན་བོད་ནས་ཡང་མཉམ་ཞུགས་བྱེད་མཁན་བྱུང་ཡོད་པའི་སྐོར། གདན་ས་རུམ་བཏེག་བཤད་གྲྭའི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཀརྨ་ཚེ་བརྟན་ལགས་དང་། རྡོ་རྗེ་གླིང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེའི་གདན་ས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གིི་བླ་མ་འཕྲིན་ལས་ལགས་བཅས་རྣམ་གཉིས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ།རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག