སྐྱེ་ཕྲན་རིག་པའི་ཤེས་བྱ་ཞེས་བོད་ཡིག་ཐོག་ཕྱག་དེབ་འདོན་སྤེལ་གནང་པ།

སྐྱེ་ཕྲན་རིག་པའི་ཤེས་བྱ་སྟེ་ (Basic Microbiology) ཞེས་པའི་སྐྱེ་དངོས་རིག་པའི་བསླབ་གཞི་ནི་འཕྲོད་བསྟེན་གསོ་བྱེད་སྨན་པ་དང་སྨན་ཞབས་པ་ཚོར་མེད་དུ་མི་རུང་བའི་དགོས་མཁོ་ཆེ་བའི་སློབ་ཚན་ཞིག་ཡིན་ཅིང་། འདི་ནང་གཙོ་བོ་ལུས་ཟུངས་དང་སྐྱེ་ཕྲན་འབུ་སྲིན་སོགས་ཀྱི་གནད་འགག་ཐད་གཙོ་འདོན་གནང་གི་ཡོད་འདུག རྡ་རམ་ས་ལར་ཡོད་པའི་འགྲོ་ཕན་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནང་ཉམས་ཞིབ་ལས་རོགས་བསྟན་འཛིན་བདེ་གསལ་ལགས་ཀྱིས་སྐྱེ་ཕྲན་རིག་པའི་གནས་ལ་གཙུག་ལག་རབ་འབྱམས་པའི་སློབ་ཐོན་ཟིན་ཅིང་། ཁོང་གིས་སྐྱེ་ཕྲན་རིག་པའི་ཤེས་བྱ་ཞེས་པའི་བོད་ཡིག་ཐོག་ཕྱག་དེབ་ཅིག་རྩོམ་སྒྲིག་འདོན་སྤེལ་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བསྟན་འཛིན་བདེ་གསལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱག་དེབ་འདི་དང་འབྲེལ་ནས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག