ཁྲག་ཤེད་མཐོ་བའི་ནད་ངོས་འཛིན་བྱེད་སྟངས།

2023.09.26
ཁྲག་ཤེད་མཐོ་བའི་ནད་ངོས་འཛིན་བྱེད་སྟངས།
པར་ཚགས།

ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་ཆར་བཏོན་པའི་སྙན་ཐོ་གསར་པའི་ནང་། ཁྲག་ཤེད་མཐོ་བའི་ནད་པ་ཚོར་སྨན་བཅོས་ཚུལ་བཞིན་བྱེད་ཐུབ་པ་ཡིན་ཚེ་མ་འོངས་པའི་༢༠༢༥ནང་ཚུད་ལ་ཁྲག་ཤེད་མཐོ་བའི་ནད་པ་ས་ཡ་༧༦ལྷག་དུས་མིན་འཆི་རྐྱེན་འགྲོ་བ་ལས་སྔོན་འགོག་ཐུབ་རྒྱུ་ཡིན་པ་གསུངས་ཡོད་པར་བརྟེན་། ཕྱི་ལུགས་སྨན་པས་ཁྲག་ཤེད་མཐོ་བའི་ནད་ངོས་འཛིན་བྱེད་སྟངས་དང་། ཉེན་ཁའི་རང་བཞིན་། ཁྲག་ཤེད་ཡོད་མེད་བརྟག་དཔྱད་བྱེད་པའི་ཐབས་ཤེས་དང་། ལོ་ཇི་ཙམ་ནས་ཁྲག་ཤེད་ཡོད་མེད་བརྟག་དཔྱད་བྱ་དགོས་ཀྱི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎