༧གོང་ས་མཆོག་དང་བླ་ཆེན་རྣམ་པས་ཏོབ་དབྱིབས་ནད་ཡམས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་མཛད་ཡོད་པ།


2020.04.17
༧གོང་ས་མཆོག་དང་བླ་ཆེན་རྣམ་པས་ཏོབ་དབྱིབས་ནད་ཡམས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་མཛད་ཡོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
ཨེ་ཨེཕ་པི།

ཐེངས་འདིའི གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་གི་ནད་ཡམས་དེ་ཁྱབ་པ་ནས་བཟུང་གོ་ལ་ཧྲིལ་བོའི་རྒྱལ་ཁབ་ཕལ་མོ་ཆེའི་མི་དམངས་ས་ཡ་གཉིས་ལྷག་ལ་འགོས་པ་དང་མི་འབུམ་གཅིག་དང་ཁྲི་བཞི་ལྷག་ཤི་བའི་གནས་སྟངས་ཤར་དུས། ༧ སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སོགས་བླ་ཆེན་རྣམ་པས་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་མཛད་གནང་ཡོད་པ་དང་།
དེ་བཞིན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསར་བསྒྲགས་སྤེལ་ནས་བཞུགས་སྐར་དྷ་རམ་ས་ལ་གཙོ་བོ་ཡིན་པའི་བཙན་བྱོལ་བོད་མིའི་གནས་བབ་གསལ་བཤད་བྱས་པའི་སྐོར་ངོ་སྤྲོད་དང་། གཞན་ཏོག་དབྱིབས་ནད་དུག་གི་ཉེན་ཁའི་རང་བཞིན་དང་རང་སྲུང་གཞན་སྲུང་བྱེད་ཕྱོགས་སྐོར་ཆེད་ལས་སྨན་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎