ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གི་ཤུགས་རྐྱེན་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་བོད་དོན་སྲིད་བྱུས་ཀྱི་ཁ་ཕྱོགས་ཞེས་༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ཚོགས་འདུ

2024.11.25
ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གི་ཤུགས་རྐྱེན་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་བོད་དོན་སྲིད་བྱུས་ཀྱི་ཁ་ཕྱོགས་ཞེས་༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ཚོགས་འདུ
Tibet Religious Foundation of HH the Dalai Lama

ཟླ་བ་༡༡པའི་ཚེས་༢༣་དང་༢༤བར་ཐེ་ལྦན་གྲོང་ཁྱེར་ཐའེ་པེ་ནང་། ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གི་ཤུགས་རྐྱེན་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་བོད་དོན་སྲིད་བྱུས་ཀྱི་ཁ་ཕྱོགས་ཀྱི་བརྗོད་གཞིའི་ཐོག གངས་ལྗོངས་གླེང་སྟེགས་༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཏེ་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དེའི་ཤུགས་རྐྱེན་དང་བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་སྟེང་འགྱུར་བ་ཇི་ལྟར་ཐེབས་མིན་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་དང་རྒྱ་ནག་གཉིས་ཀར་ཕན་པའི་བཀའ་རྙོག་སེལ་ཐབས་ཀྱི་ལམ་བུ་ཞིག་ཡིན་པ་སོགས་ཀྱི་གསུང་བཤད་དང་། བགྲོ་གླེང་། བསམ་ཚུལ་རྗེས་རེས་གནང་ཡོད་པ་རེད་འདུག ཚོགས་འདུ་འདི་དང་འབྲེལ་ཚོགས་འདུར་གསུང་བཤད་གནང་མཁན་ཁོངས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་སུ་བཀའ་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསར་འགོད་པ་སྒྲོལ་མ་ལྷ་མོས་སྙན་སྒྲོལ་ཞུས་གནང་གི་རེད། 

WhatsApp Image 2024-11-25 at 14.14.11_4531632b.jpg

གསར་འགོད་པ། སྒྲོལ་མ་ལྷ་མོ

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎