འབྲས་སྤུངས་སྒོ་མང་གཞུང་པ་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཐེ་ཝན་ཞེན་ཙང་སློབ་ཆེན་ནས་གཙུག་ལག་རབ་འབྱམས་པ་སློབ་ཐོན་གྱི་བརྒྱུད་རིམ་དང་ཁོང་གི་དཔྱད་རྩོམ་གྱི་སྐོར།
2024.08.19
བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གཞུང་པ་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཐེ་ཝན་ཞེན་ཙང་སློབ་ཆེན་ནས་གཙུག་ལག་རབ་འབྱམས་པ་སློབ་ཐོན་གྱི་བརྒྱུད་རིམ་དང་། ཁོང་གི་དཔྱད་རྩོམ་༼ནང་ཆོས་དང་ཚན་རིག་གཉིས་ཀྱིས་སེམས་དང་རྣམ་ཤེས་བདག་ངོས་འཛིན་ཚུལ་ལ་དཔྱད་པ་༽ཞེས་བའི་དཔྱད་རྩོམ་དང་། གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དགེ་བཤེས་ལགས་དང་ལྷན་དུ་ཐེ་ཝན་གྱི་གཙུག་ལག་སློབ་ཆེན་ཞིག་ནས་ཕྱག་འཁྱེར་བཞེས་པ་འདིའི་ཕན་ནུས་དང་འབྲེལ་བའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གནང་གི་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁཉ། ནོར་སྒྲོན།