སྙིང་གི་ནད་པ་ཚབས་ཆེན་པོ་ཞིག་ལ་ཕག་པའི་སྙིང་བཅུག་པའི་གཤག་གཅོད།
2022.05.09
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། དེང་སྐབས་ཚན་རིག་ཡར་རྒྱས་ཀྱི་ཁྲོད་སྨན་གྱི་ལག་རྩལ་འཕེལ་རྒྱས་ཀྱི་ཕྱོགས་སུ་མྱུར་པོ་འགྲོ་བ་ལྟར་། ཉེ་ཆར་ཨ་མི་རི་ཀའི་སྨན་ཁང་ཞིག་ནང་སྙིང་གི་ནད་པ་ཚབས་ཆེན་པོ་ཞིག་ལ་ཕག་པའི་སྙིང་བཅུག་པའི་གཤག་གཅོད་ཀྱི་ལག་རྩལ་འཛམ་གླིང་ནང་ཐེངས་དང་པོ་ཚོད་ལྟ་བྱས་པའི་ལོ་རྒྱུས་དེ་ནི་འཛམ་གླིང་ནང་དུ་སྙིང་ཚབ་བཅུག་དགོས་པའི་ནད་པ་མང་པོ་དུས་མིན་རྐྱེན་འདས་འགྲོ་བའི་དཀའ་ངལ་སེལ་བར་ལེགས་སྐྱེས་ཆེན་པོ་ཞིག་དང་། ཚན་རིག་ལག་རྩལ་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཡིན་པ་ཕྱི་ལུགས་སྨན་པ་ཚོས་ངོས་འཛིན་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།