ཏོག་དབྱིབས་སྔོན་འགོག་གི་ཐབས་ལམ་ཡག་ཤོས།
2021.04.26
ཐེངས་འདིའི་འཕྲོད་བསྟེན་གྱི་ལེ་ཚན་ནང་།
རྒྱ་གར་ནང་རྣམ་པ་འགྱུར་བའི་ཏོག་དབྱིབས་གཉན་སྲིན་ཁྱབ་གདལ་ཆེ་བའི་ཛ་དྲག་གི་སྐབས་དེར་ཕྱི་ལུགས་སྨན་པས་ད་ལྟའི་དུས་དེར་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་དེ་ལས་ནུས་པ་ཆེ་བ་དང་སྔོན་འགོག་གི་ཐབས་ལམ་ལེགས་ཤོས་དེ་ལས་མེད་པ་ངོས་འཛིན་གནང་གི་མ་ཟད། སྔོན་འགོག་སྨན་ཁབ་ཀྱི་ཏོག་དབྱིབས་གཉན་སྲིན་སྔོན་འགོག་གི་ནུས་པ་ཧ་ཅང་གི་ཆེན་པོ་ཐོན་གྱི་ཡོད་པ་ཉམས་མྱོང་གི་ཐོག་ནས་ར་སྤྲོད་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།