ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་བགྲོ་གླེང་།

2025.02.01
ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་བགྲོ་གླེང་། ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་བགྲོ་གླེང་།
Facebook/Gashar Khenpo Jangchup Sangye

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ལ་ཕན་པའི་ཐུགས་སྐྱེད་དམ་བཅའ་བཞིའི་ཁོངས་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་དོན་བཞིན། ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དགོས་པ་ལྟ་ཅི།  ནང་པ་སངས་རྒྱས་པའི་ཆོས་བརྒྱུད་འཛིན་པའི་ཁྲོད་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པའི་དབར་བགྲོ་གླེང་དང་བརྗེ་ལེན་གྱི་ལས་རིམ་ཐེངས་ ༣ པ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ནས་ཚེས་ ༡༨ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་མོ་དགའ་ལྡན་དུ་ཚོགས་ཡོད་ཅིང་། 

1eee.jpg

ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཚོགས་ཞུགས་པ་དང་ལས་རིམ་གོ་སྒྲིག་པ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱིས་ལས་དོན་ཁག་ལྷ་སྙན་སྒྲོན་འབུལ་ཞུས་ཡོད་པ་དང་།  བརྗེ་ལེན་དང་བགྲོ་གླེང་གི་ལས་རིམ་ཐེངས་ ༣ པའི་ཐོག་པཱ་ལི་ཆོས་བརྒྱུད་འཛིན་པའི་ཁོངས་སུ་ཐཱའི་ལནཌི་དང་། ལའོསི། སིངྒ་ལ། དེ་བཞིན་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་ཁོངས་ནས་གདན་ས་ཁག་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་བཅས་བསྡོམས་དགེ་འདུན་པ་ཞལ་གྲངས་ ༥༧ གདན་འཛོམས་ཡོད་པ་རེད།

3eee.jpg

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎