བོད་པའི་གཞིས་ཆགས་ཁག་༡༥ ནང་གི་བོད་མི་ཡོངས་ལ་Hepatitis རིགས་B དང་C ཡི་ནད་འབུ་འགོས་ཡོད་མེད་བརྟག་དཔྱད།
2022.05.16
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་། བོད་མིའི་སྤྱི་ཚོགས་ནང་མཆིན་པའི་འགོས་ནད་Hepatitis B ནད་འབུ་འགོས་ཁྱབ་ཀྱི་དཀའ་ངལ་ཡོད་པ་དང་ད་ལྟ་བར་བོད་པའི་གཞིས་ཆགས་ཁག་༡༥ ནང་གི་བོད་མི་ཡོངས་ལ་Hepatitis རིགས་B དང་C ཡི་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་བྱས་པར་གཞིགས་ན་ཁྱབ་གདལ་གྱི་བརྒྱ་ཆ་༧ ཙམ་ཡིན་པ་དང་། འགོས་ནད་དེར་སྔོན་འགོག་གི་སྨན་ཁབ་ཆ་རྐྱེན་ཡོད་པ་དེ་ངེས་པར་དུ་རྒྱབ་དགོས་པའི་སྐོར་ལམ་སྟོན་གནང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།