དབྱར་ཁའི་ཚན་རིག་ཡུན་གནས་རྒྱུན་སྐྱོང་གི་སྦྱོང་བརྡར་དབུ་འཛུགས་གནང་ཡོད་པ།
ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༦ ཉིན་ཨ་རིའི་འཇོར་ཇི་ཡ་མངའ་སྡེའི་ཨེཊ་ལེན་ཊ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཟུང་སྦྲེལ་གྱིས། གདན་ས་གྲྭ་ཚང་ཁག་ནས་ཕེབས་པའི་གྲྭ་བཙུན་བརྒྱ་ལྷག་ལྷན་འཛོམས་ཀྱིས་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་ཚན་རིག་ལྟེ་གནས་ཁང་དུ་དབྱར་ཁའི་ཚན་རིག་ཡུན་གནས་རྒྱུན་སྐྱོང་གི་སྦྱོང་བརྡར་དབུ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འབྲེལ་ཡོད་ལས་རིམ་གོ་སྒྲིག་གནང་མཁན་ཁོངས་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་གྱི་ཟུང་སྦྲེལ་འགན་འཛིན་འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ལགས་དང་། འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ཟུང་སྦྲེལ་ངེས་སྟོན་པ་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།