བོད་ཀྱི་གསོ་རིག་སྣེ་ཁྲིད་ཀྱི་ལས་དོན་ཚན་པ།
2023.01.17
ཨ་རིའི་མི་ནི་སོ་ཊ་གཙུག་ལག་སློབ་ཆེན་གྱི་ཟུང་སྦྲེལ་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དེའི་ཁྱབ་ཁོངས་བོད་ཀྱི་གསོ་རིག་སྣེ་ཁྲིད་ཀྱི་ལས་དོན་ཚན་པ་ཐོག་མར་གསར་འཛུགས་གནང་མཁན་མེརིཡམ་ཀེམརུན་སར་ནས་འགན་འཛིན་གྱི་འགན་འཁུར་རྩིས་བཞེས་གནང་ཡོད་པ་ལྟར། གཙུག་ལག་སློབ་ཆེན་རིམ་པའི་བརྒྱུད་ནས་བོད་ཀྱི་གསོ་རིག་དང་རིག་གཞུང་གི་ཁྱད་ཡོན་རྣམས་ལ་ངོས་འཛིན་ཡོང་ཐབས་ཇི་དགེ་སྐོར་གནད་དོན་གླེང་མོལ་གྱི་ལས་རིམ་གཙོ་སྐྱོང་བ་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།