བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་ཐད་མཁས་པ་ཁག་ཅིག་དྲ་ཐོག་བརྒྱུད་བགྲོ་གླེང་གནང་ཡོད་པ།

2021.10.27
བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་ཐད་མཁས་པ་ཁག་ཅིག་དྲ་ཐོག་བརྒྱུད་བགྲོ་གླེང་གནང་ཡོད་པ། ཉེ་ཆར་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་མཁས་པ་ཁག་གཅིག་མཉམ་འཛོམས་ཀྱིས་བརྙན་འཕྲིན་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད་པ།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

ཉིན་ཤས་སྔོན་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་མཁས་པ་ཁག་ཅིག་མཉམ་འཛོམས་ཀྱིས་བརྙན་འཕྲིན་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། ཧེ་མ་ལ་ཡིའི་རི་བརྒྱུད་ལ་དྭགས་ནས་མོན་བར་ཚུད་པའི་མཁས་པ་༡༥ཙམ་མཉམ་ཞུགས་ཀྱིས་། བརྗོད་གཞི་མི་འདྲ་བའི་ཐོག་ལ་བཀའ་བསྡུར་ལྷུག་པོ་བྱུང་ཡོད་འདུག
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ད་ལྟའི་སྐབས་སུ་བོད་དང་ཧེ་མ་ལ་ཡིའི་མཁས་པའི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ཅི་ཡིན་མིན་དང་། དེ་ཡང་ལོ་རྒྱུས་ཐོག་ནས་བོད་དང་ཧེ་མ་ལ་ཡིའི་རིགས་བརྒྱུད་དབར་ཆོས་ཕྱོགས་དང་རིག་གཞུང་བཅས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པའི་རྐྱེན་གྱིས་། དེ་འདྲའི་གཅིག་ལ་གཅིག་བརྟན་གྱིས་གནས་སྟངས་ཤིག་གི་འོག་ཐུན་མོང་གིས་གདོང་ལེན་གནང་དགོས་པའི་འགན་ཁུར་དང་། ལྷག་པར་དུ་ད་ལྟའི་བོད་ལ་འཕྲད་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་ལ་ཧེ་མ་རི་བརྒྱུད་ཀྱི་རྒྱབ་སྐྱོར་འཚོལ་རྒྱུ་གནད་འགག་ཅིག་ཡིན་མིན་གྱི་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་རྩོམ་སྒྲིགས་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎