མང་གཙོའི་སྒྲིག་འཛུགས་མང་པོའི་ནང་དུའང་ཆེ་ཕྲ་ལ་ལྟོས་མེད་དཀའ་ངལ་རིམ་པར་ཡོང་གི་ཡོད་པ།

2021.06.22
མང་གཙོའི་སྒྲིག་འཛུགས་མང་པོའི་ནང་དུའང་ཆེ་ཕྲ་ལ་ལྟོས་མེད་དཀའ་ངལ་རིམ་པར་ཡོང་གི་ཡོད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཚོགས་འདུ། ༢༠༢༡།༣།༡༥
བོད་མིའི་སྒྲིག་འཛུགས།

༄༅།།གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ལྷན་ཙོགས་ཀྱི་དབར་ལ་དབང་ཚད་སྤྱོད་སྟངས་ཀྱི་དཀའ་ངལ་བྱུང་བ་འདི་ནི། ཁྲིམས་ལུགས་དང་མང་གཙོའི་འགྲོ་ལུགས་ཐོག་ལ་ཉམས་ཞིབ་གནང་མཁན་ཚོས་སྔ་ཕྱི་མ་གཏོགས་མང་གཙོའི་སྒྲིག་འཛུགས་མང་པོའི་ནང་དུའང་ཆེ་ཕྲ་ལ་ལྟོས་མེད་དཀའ་ངལ་རིམ་པར་ཡོང་གི་ཡོད་པ་དང་། བཅའ་ཁྲིམས་དང་རྩ་ཁྲིམས་བཅས་ལ་དཀའ་ངལ་བྱུང་རིམ་བཞིན་བསྐྱར་བཅོས་གནང་ལམ་ཞིག་ཡོད་པ་མང་གཙོའི་ཁྱད་ཆོས་སུ་ངོས་འཛིན་གནང་གི་ཡོད་པར། དཀའ་ངལ་འདི་རིགས་བྱུང་སྐབས་ཚོར་བའི་རྗེས་སུ་མ་སོང་བར་རིག་པའི་རྣམ་དཔྱོད་བེད་སྤྱོད་ཀྱིས་ཁྲིམས་ལུགས་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་བྱེད་པའི་དུས་ཤིག་ཡིན་པ་ངོས་འཛིན་བྱ་དགོས་པ་གསུངས་ཀྱི་ཡོད་པ་རེད།    ཁྲིམས་ཀྱི་སློབ་སྦྱོང་གནང་མྱོང་བ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་གསུངས་ན།  ད་ལྟའི་བོད་མིའི་མང་གཙོའི་འགྲོ་ལུགས་ནང་དཀའ་ངལ་ཕྲད་པ་འདི་ལྟར་གཅིག་འགྱུར་སྔ་མོ་རྒྱ་གར་དང་དབྱིན་ཇི། ཨ་རི་བཅས་ཀྱི་མང་གཙོའི་ལམ་ལུགས་ནང་དཀའ་ངལ་གཅིག་འགྱུར་མང་པོ་ཕྲད་དང་འཕྲད་མུས་ཡིན་པ་གསུངས་ཀྱི་འདུག གཤམ་ལ་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་བསྟན་འཛིན་ཆོས་དབྱིངས་ལགས་དང་ལྷན་ལོ་རྒྱུས་ནང་མང་གཙོའི་འགྲོ་ལུགས་ལ་དཀའ་ངལ་དང་གདོང་ལེན་ཇི་ལྟར་བྱེད་ཡོད་མེད་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎