༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་།
ཉེ་ལམ་ཨ་རིའི་ནིའུ་ཡོག་མངའ་སྡེའི་ཁོངས་སུ་ཡིན་པ་Ithaca ས་གནས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ཞིག་དབུ་འབྱེད་གནང་བ་དང་དེའི་མདུན་ཐང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་བརྙན་ཞིག་བཞེངས་ཡོད་པ་དེའི་ཐད་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་བསམ་ཚུལ་འདྲ་མིན་བྱུང་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དེའི་དམིགས་ཡུལ་གཙོ་བོ་དང་ནུབ་ཕྱོགས་མི་རིགས་གཙོས་པའི་བོད་མི་རྣམས་ཀྱིས་གོ་སྐབས་གང་ལེན་རྒྱུ་ཡོད་མེད་དང་། བསྟི་གནས་ཁང་གི་མདུན་ཐང་དུ་གསར་བཞེངས་གནང་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་བརྙན་གྱི་བཟོ་དབྱིབས་ཁ་དོག་སོགས་དང་འབྲེལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་མི་ཉུང་བ་ཞིག་གནང་བཞིན་པར་བརྟེན་མཐར་རྣམ་རྒྱལ་གྲྭ་ཚང་གི་ངོས་ནས་ཐག་གཅོད་ཇི་ལྟར་ཡོང་སྲིད་པའི་སྐོར་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་གི་འགན་འཛིན་རྒན་བསྟན་འཛིན་ཆོས་བཟང་ལགས་དང་དྲ་ཐོག་ནས་བསམ་ཚུལ་འདོན་མཁན་སྐལ་བཟང་ཇི་ཇི་ཁྲི་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།