བཙུན་མ་ཚོས་མཁའ་འགྲོའི་གར་ཞེས་ཁྲབ་སྟོན།
2024.09.14
རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཨ་རིར་ཐེངས་དང་པོར་སྐོར་བསྐྱོད་གནང་དང་གནང་མུས་ཡིན་ཅིང་། བཙུན་མ་ཚོས་མཁའ་འགྲོའི་གར་ཞེས་ཐེངས་དང་པོར་ཁྲབ་སྟོན་གནང་ཡོད་འདུག་ལ། མཁའ་འགྲོའི་གར་གྱི་བོད་ཀྱི་ནང་ཆོས་དང་རིག་གཞུང་བར་འབྲེལ་བ་ཇི་ཡོད་དང་། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སོགས་ཀྱི་སྐོར་དགེ་བཤེས་མ་ཡེ་ཤེས་བཟང་མོ་ལགས་ལ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།