ཨ་རིའི་རང་དབང་ཁང་པས་བོད་འདི་འཛམ་གླིང་ནང་ཆེས་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཨང་དང་པོར་ངོས་འཛིན་བྱེད་བཞིན་ཡོད་པ།

ཨ་རིའི་རང་དབང་ཁང་པས་བོད་འདི་འཛམ་གླིང་ནང་ཆེས་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཨང་དང་པོར་ངོས་འཛིན་བྱེད་བཞིན་ཡོད་ཅིང་། བཙན་བྱོལ་ནང་གི་བོད་མིར་མཚོན་ན། དྲ་རྒྱ་ནི་བོད་མིའི་མངོན་འདོད་གསལ་བར་བྱེད་པ་དང་། ཉམས་ཞིབ་ཀྱི་སྒྲིག་འཛུགས་ཤིག་ལ་གནས་ཚུལ་ཁྱབ་སྤེལ་གཏོང་བའི་གླེང་སྟེགས་ཀྱི་བརྒྱུད་ལམ་ཞིག་ཡིན་པ་རེད། འོན་ཀྱང་དྲ་རྒྱའི་སྟེང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་གི་གནས་བབ་གླེང་སློང་བྱེད་མཁན་གྱི་སྒྲིག་འཛུགས་དང་གང་ཟག་སྒེར་པ་བཅས་ལ་འཇབ་རྒོལ་བྱེད་པ་ནི་གནས་ཚུལ་གསར་པ་མིན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་བྱུང་བའི་དོ་སྣང་བྱེད་གཞིའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད། བསྟན་འཛིན་དཔལ་མོ་ལགས་ཀྱིས་དྲ་རྒྱའི་འཇབ་རྒོལ་དང་དེའི་རྒྱབ་ཏུ་དམིགས་ཡུལ་ཇི་ཡོད་སྐོར་ཆེད་ལས་མཁས་པ་ཁག་ཅིག་ལ་བཀའ་དྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག