བོད་ཀྱི་སྐད་ཡིག་འཇིག་ཉེན་དང་དེ་བཟློག་ཐབས།


2018.10.05
བོད་ཀྱི་སྐད་ཡིག་འཇིག་ཉེན་དང་དེ་བཟློག་ཐབས། འཇང་སྟོད་བོད་ཡིག་རྨོངས་སེལ་འཛིན་གྲྭ།
ཆོས་ཚ་ཨ་མགོན།

༄༅།། ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་བརྗོད་བྱ་ནི། བོད་ཀྱི་སྐད་ཡིག་གི་མདུན་དུ་ལྷགས་པའི་འཇིག་ཉེན་དང་དེ་བཟློག་ཐབས་སྐོར་ཡིན།
ཉེ་བའི་ལོ་ཤས་སྔོན་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀོད་སྒྲིག་འོག་རྒྱལ་སྤྱིའི་སྐད་བརྡ་རིག་པ་བ་དང་། སྐད་ཡིག་ཆེད་མཁས་པ་མང་པོ་ལྷན་གཅིག་ཏུ་འཛོམས་ནས་སྐད་ཡིག་གི་ཆགས་འཇིག་ལ་གཞིགས་པའི་ལྷན་ཚོགས་ཤིག་བསྐོངས་པའི་ཐོག ཐུན་མོང་གིས་སྐད་ཡིག་ཅིག་འཇིག་རྒྱུར་ཉེན་ཁ་ཆེན་པོ་ལྔ་ཡོད་པར་ངོས་འཛིན་བྱས་ཡོད་པ་ལྟར། ང་ཚོ་བོད་ཀྱི་སྐད་དང་ཡི་གེ་ཉེན་ཁ་དེ་དག་ལ་ཐུག་ཡོད་མེད་ཐད་བོད་མི་རིག་བ་པ་གཉིས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
གདན་ཞུ་སྐུ་མགྲོན་རྣམ་པ་གཉིས་ནི།
༡༽བཙན་བྱོལ་ཁྲོད་ཀྱི་བོད་ཡིག་གི་ཚགས་པར༼སྤྱི་ཚོགས་མེ་ལོང༽གསར་འཛུགས་གནང་མཁན་དང་། ༼སྤྱི་ཚོགས་མེ་ལོང༽གི་རྩོམ་སྒྲིག་པ་ཟུར་བ། བཙན་བྱོལ་བོད་མིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གསར་འཛུགས་གནང་མཁན་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ། རྩོམ་པ་པོ་དང་ཨེམ་ཆི་བླ་བྲང་སྐལ་བཟང་ལགས་ཡིན། ཁོང་ད་ལྟ་ཨུ་རུ་སུ་ན་ཡོད་པ་དང། གསོ་རིག་གི་ཕྱག་ལས་གནང་མུས་སུ་ཡོད་པ་རེད།
༢༽བཙན་བྱོལ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ལས་ཁང་གི་ཉམས་ཞིབ་པ་ཟུར་བ་དང་། རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཡིན། ཁོང་ད་ལྟ་ཨོ་སི་ཊི་རེ་ལེ་ཡ་ན་ཉམས་ཞིབ་ཀྱི་ཕྱག་ལས་གནང་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎