བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས།
2021.03.18
མི་རབས་གསར་པའི་ལེ་ཚན་ནང་། རྒྱ་གར་དང་བལ་ཡུལ་གཉིས་སུ་ད་ཕན་བོད་མི་ཁྱོན་༡༦༠༠ལྷག་ཙམ་ལ་ཏོག་དབྱིབས་གཉན་རིམས་འགོད་ཁྱབ་བྱུང་བ་དང་ནད་འདིས་རྐྱེན་པས་བོད་མི་༤༠ཙམ་འདས་གྲོངས་སུ་འགྱུར་ཡོད་པ་དང་། ཡང་བོད་མི་ཁྱོན་༧༠༠ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་ཡོད་པའི་སྐོར་ བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་མ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་པ་ཞིག་གསན་རོགས་གནང་།།