བོད་མི་གློག་བརྙན་བཟོ་སྐྲུན་པ་རྩེ་ཕུད་མང་པོས་བཟོས་པའི་གློག་བརྙན་ཉི་ཤུ་ཙམ་གཟིགས་འབུལ།

2022.11.04
བོད་མི་གློག་བརྙན་བཟོ་སྐྲུན་པ་རྩེ་ཕུད་མང་པོས་བཟོས་པའི་གློག་བརྙན་ཉི་ཤུ་ཙམ་གཟིགས་འབུལ།
འདྲ་བཤུས།

ཨའོས་ཊརེ་ལི་ཡ་ Brisbane ནང་ཕྱི་ཟླ་ ༡༠ ཚེས་ ༧ ནས་ ༢༩ བར་དུས་ཡུན་ཟླ་བ་གཅིག་ཙམ་རིང་བོད་ཀྱི་གློག་བརྙན་དུས་སྟོན་ཞིག་གནང་ཡོད་ཅིང་།  ཡང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཨ་མ་ལགས་ཞེས་པ་གཟིགས་འབུལ་གྱི་ལམ་ནས་སླར་ཡང་དུས་ཡུན་ཟླ་བ་གཅིག་ཙམ་རིང་བོད་ཀྱི་གློག་བརྙན་དུས་སྟོན་དེ་མུ་མཐུད་ཚོགས་གནང་གི་ཡོད་པ་རེད། དེའི་རིང་གཞིས་བྱེས་གཉིས་ནས་བོད་མི་གློག་བརྙན་བཟོ་སྐྲུན་པ་རྩེ་ཕུད་མང་པོས་བཟོས་པའི་གློག་བརྙན་ཉི་ཤུ་ཙམ་ཁུལ་དེའི་ GOMA ཞེས་ Queensland གཞུང་གི་འཛིན་སྐྱོང་འོག་ཡོད་པའི་དེང་དུས་སྒྱུ་རྩལ་ཁང་དུ་གཟིགས་འབུལ་བྱེད་ཀྱི་ཡོད་པ་དང་།   ཨ་མ་ལགས་ཞེས་པའི་གློག་བརྙན་གཟིགས་འབུལ་མ་ཞུས་གོང་དབྱངས་ཀྱི་སྐད་འཁོར་ཤིག་ལ་ Grammy བྱ་དགའ་ཐོབ་མྱོང་མཁན་རྒྱལ་སྤྱིའི་ནང་གྲགས་ཆེར་གྱུར་བ་བོད་པའི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་རོལ་དབྱངས་གཟིགས་འབུལ་གནང་རྒྱུ་ཡིན་པ་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། བཀྲིས་དབང་ཕྱུག་ལགས་ཀྱིས་ཁོང་ལ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎