ལྷ་བབས་དུས་ཆེན་ལ་༸རྒྱལ་བའི་ཞབས་རིམ།
2015.11.03

༄༅། །ལྷ་བབས་དུས་ཆེན་དང་སྟབས་བསྟུན་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་ཀྱི་མང་ཚོགས་ལ་དུས་ཆེན་དེའི་ངོ་སྤྲོད་བྱེད་སྒོ་དང་། མང་ཚོགས་ནས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་མི་རིགས་ཆེད་ཞབས་རིམ་གསོག་སྒྲུབ་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
༄༅། །དེ་རིང་དམིགས་བསལ་ལྷ་བབས་དུས་ཆེན་དང་འབྲེལ་བའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་ཀྱི་མཁན་པོ་བསམ་འགྲུབ་ལགས་སུ་དེ་རིང་ཆོས་ཕྱོགས་ཀྱི་དམིགས་བསལ་གོ་དོན་ཇི་ཡིན་སོགས་ཀྱི་སྐོར་ཕྲེང་རིང་བསྟན་འཛིན་ནོར་བུ་ལགས་ཀྱིས་བཅའ་འདྲི་གནང་བ་དེ་གསན་རོགས་གནང།
༄༅། །རྒྱ་གར་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གྱི་གོ་སྒྲིག་འོག་ལྷ་བབས་དུས་ ཆེན་དང་བསྟུན་༧གོང་ས་མཆོག་གི་གྱ་སྟོན་ཆེད་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་དག་སྤེལ་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།