ཁེ་ན་ཀྲའི་རྦི་ཊིཤ་ཁོ་ལོམ་སྦི་ཡ་(British Columbia)མངའ་སྡེའི་གྲོས་ཚོགས་ནང་བྷི་སི་ནང་པའི་རིག་གཞུང་ཉིན་མོ་སྲུང་བརྩི་ཞུས་ཡོད་པ།
2023.05.04

ཁེ་ན་ཀྲའི་རྦི་ཊིཤ་ཁོ་ལོམ་སྦི་ཡ་(British Columbia)མངའ་སྡེའི་གྲོས་ཚོགས་ཀྱིས་ལོ་རེའི་ཕྱི་ཟླ་ལྔ་བའི་གཟའ་ཉི་མ་དང་པོ་དེ་བྷི་སི་ནང་པའི་རིག་གཞུང་ཉིན་མོའམ།བྷི་སི་སྟོན་པའི་དུས་ཆེན་ཞེས་པར་གཞུང་འབྲེལ་ངོས་འཛིན་གནང་ཡོད་པ་ལྟར། ད་ལོའི་ཕྱི་ཟླ་ལྔ་པའི་ཚེས་གསུམ་ལྷག་དཀར་ཉིན་ས་གནས་གྲོས་ཚོགས་ཚོགས་ཁང་ནང་དུས་སྟོན་དེ་སྲུང་བརྩིའི་མཛད་སྒོ་རྒྱས་པ་ཞིག་འཚོགས་ཡོད་པ་སོགས་ཀྱི་ཐད་ཁེ་ན་ཌ་བྷི་སི་མངའ་སྡེ་ནང་ཡོད་པའི་གླིང་ཕྲན་བོད་རིགས་སྤྱི་མཐུན་ཚོགས་པའི་ (Tibetan Cultural Society of Vancouver Island) ཚོགས་གཙོ་པདྨ་དབང་ཆེན་ལགས་སུ་ལྕགས་མོ་འཚོས་བཅར་འདྲི་བྱས་བར་གསན་རོགས་གནོངས།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག