བོད་པའི་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ཁག་ཅིག་གིས་སྒྲུང་ཞེས་གློག་བརྙན་བཟོ་བསྐྲུན་པའི་མཐུན་ཚོགས་ཤིག་བཙུགས་གནང་ཡོད་པ།

2023.09.28
བོད་པའི་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ཁག་ཅིག་གིས་སྒྲུང་ཞེས་གློག་བརྙན་བཟོ་བསྐྲུན་པའི་མཐུན་ཚོགས་ཤིག་བཙུགས་གནང་ཡོད་པ། བོད་པའི་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ཁག་ཅིག་མཉམ་རུབ་ཀྱིས་བོད་པའི་གཞོན་སྐྱེས་ཚོར་དམིགས་ཏེ་སྒྲུང་ཞེས་པའི་གློག་བརྙན་བཟོ་བསྐྲུན་པའི་མཐུན་ཚོགས་ཤིག་བཙུགས་གནང་ཡོད་པ།
Photo: RFA

སྤྱིར་སྒྲུང་གཏམ་ནི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་། རྒྱལ་རབས་དང་ལོ་རྒྱུས་ཐོག་གལ་གནད་ཆེན་པོ་ཞིག་ཡིན་པས། སྒྲུང་གཏམ་གང་འདྲ་ཞིག་ཡིན་རུང་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་ཐོག་ནས་བཤད་ཐུབ་པས་ནུས་པ་ཞིག་ཡོད་ཅིང་། དེ་ཡང་བོད་པའི་གཞོན་
སྐྱེས་གློག་བརྙན་བཟོ་བསྐྲུན་པ་ཁག་ཅིག་མཉམ་རུབ་ཀྱིས་རྒྱ་གར་རྡ་རམ་ས་ལར་བོད་པའི་གཞོན་སྐྱེས་ཚོར་སྒྱུ་རྩལ་གྱི་སྤྲོ་སྣང་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བའི་ལྡིང་ཆ། སྒྲུང་ཞེས་པའི་གློག་བརྙན་བཟོ་བསྐྲུན་པའི་མཐུན་ཚོགས་ཤིག་བཙུགས་གནང་ཡོད་པ་རེད།
མཐུན་ཚོགས་དེའི་ཐོག་ནས་གློག་བརྙན་བཟོ་བསྐྲུན་ཙམ་མིན་པར། སྒྲུང་བཤད་པའི་བརྒྱུད་ལམ་ཐོག་སྒྱུ་རྩལ་བའི་ལས་དོན་གཉེར་མཁན་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག གཤམ་ལ་མཐུན་ཚོགས་དེས་ལས་དོན་བྱེད་ཕྱོགས་ཐད་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་མཆོག་ལས་བསྟན་འཛིན་ཚེ་བརྟན་ལགས་སུ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎