ཏོག་དབྱིབས་ནད་དུག་དེ་ཡོངས་ཁྱབ་རིམས་ནད་ཅིག་ཆགས་ཡོད་མེད།


2020.02.04
ཏོག་དབྱིབས་ནད་དུག་དེ་ཡོངས་ཁྱབ་རིམས་ནད་ཅིག་ཆགས་ཡོད་མེད་དང་གདོང་ལེན་བྱེད་ཕྱོགས། སྨན་རམས་པ་ཁྱུ་གསར་རྣམ་རྒྱལ། སྨན་པ་རྣམ་རྒྱལ་ལྷ་དབང་། སྨན་པ་བསྟན་འཛིན་བརྩོན་འགྲུས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ (Coronavirus) ཞེས་པའི་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཕྱི་ཕྱོགས་སུ་ཁྱབ་གདལ་འགྲོ་བཞིན་པར་བརྟེན།   (Pandemic) ཡོངས་ཁྱབ་རིམས་ནད་ཅིག་ཆགས་ཡོད་མེད་སྐོར་དང་།  ཛ་དྲག་གི་གནས་སྟངས་ཇི་ཙམ་ཆགས་མིན།  དེར་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་སྐོར།
ཨ་ཪིའི་ཁེ་ལི་ཕོར་ནི་ཡ་ཧོཔ་གྲོང་ཁྱེར་རྒྱལ་ཡོངས་སྨན་ལས་ལྟེ་གནས་ཁང་གི་འགན་འཛིན་དང་ནད་ཡམས་དཔྱད་རིག་སྨན་ལས་ཚན་རིག་པ་སྨན་པ་རྣམ་རྒྱལ་ལྷ་དབང་ལགས་དང་།
བཞུགས་སྒར་རྡ་རམ་ས་ལ་ནས་ཁྱུ་གསར་བོད་ལུགས་སྨན་ཁང་གི་འགན་འཛིན་སྨན་རམས་པ་ཁྱུ་གསར་རྣམ་རྒྱལ་ལགས།  
གནས་མཆོག་རྡོ་རྗེ་གདན་ནས་བོད་ཀྱི་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་དང་ལྷན་ལས་རིམ་གཙོ་སྐྱོང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎