ཨ་རིའི་ཧཱར་ཝརྜ་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཀྱི་རིག་གཞུང་གི་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ།

2022.01.26
ཨ་རིའི་ཧཱར་ཝརྜ་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཀྱི་རིག་གཞུང་གི་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ། ཨ་རིའི་ཧཱར་ཝརྜ་སློབ་གྲྭ་ཆེན་མོའི་ནང་དུ་བོད་རིགས་སློབ་གཉེར་བ་ཁག་ཅིག་གིས་བོད་ཀྱི་རིག་གཞུང་གི་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ།
རྡོ་རྗེ་དགྲ་འདུལ།

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་པའི་སློབ་མ་མི་ཉུང་བ་ཞིག་ལ་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཀྱི་ཡོད་།
དེ་ཡང་རྒྱ་བལ་འབྲུག་གསུམ་དང་བོད་ནས་ཡིན་པའི་སློབ་མ་དེ་དག་གིས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་གི་སློབ་གྲྭ་ཁག་བརྒྱུད་ནས་ཕྱི་རྒྱལ་གྱི་མཐོ་སློབ་ཏུ་ཞུགས་རྒྱུའི་ས་མིག་ཐོན་ཚེ་སྙན་ཞུ་དང་ཚུད་རྒྱུགས་བཏང་རྗེས་སྦྱང་འབྲས་རྩེ་སོན་གྱི་སློབ་མ་ཤ་སྟག་མཐར་ནུབ་ཕྱོགས་སུ་མཐོ་སློབ་ཏུ་འགྲིམས་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རཱ་ལེ་ཚན་ནང་ད་ལྟ་ཨ་རིའི་སྙན་གྲགས་ཆེ་བའི་ཨ་རིའི་ཧ་ཝར་ཌི་(Harvard)སློབ་གྲྭ་ཆེན་མོའི་ནང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་ཁག་ཅིག་གིས་བོད་ཀྱི་རིག་གཞུང་གི་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པའི་གལ་གནད་ཀྱི་སྐོར་དང་། དེ་མིན་ཨ་རིའི་ Ohia མངའ་སྡེ་Oberlin མཐོ་སློབ་དང་མངའ་སྡེའི་Minnesota Macalester མཐོ་སློབ། ཨ་རིའི་ Massachusetts མངའ་སྡེ Brown གཙུག་ལག་སློབ་ཆེན་དང་Wellesley མཐོ་སློབ་བཅས་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ན་གཞོན་ཁག་ཅིག་དང་ཁོང་རྣམ་པས་ཨ་རིའི་མཐོ་སློབ་ནང་སློབ་སྦྱོང་གི་ཉམས་མྱོང་དང་མ་འོངས་པའི་ཕུགས་འདུན། ཨ་རིའི་སློབ་ཆེན་ཁག་ཏུ་སློབ་གཉེར་གྱི་སྐབས་སུ་གོ་སྐབས་དང་གདོང་ལེན་གནང་ཕྱོགས་སྐོར་སྒེར་སོ་སོས་ཉམས་མྱོང་དང་སྦྲགས་ནས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དང་ལྷན་དུ་གླེང་མོལ་གནང་བར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎