བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ཐབས་ལམ་དང་གདོང་ལེན་གནང་དགོས་པའི་གནད་དོན།

2022.02.23
བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ཐབས་ལམ་དང་གདོང་ལེན་གནང་དགོས་པའི་གནད་དོན། དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་སྡེ་ཚན་གྱི་དགེ་རྒན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས་དང་། ཨོའསི་ཊརེ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་འདིའི་ཁ་བའི་གྲོས་རྭ་བརྗོད་གཞི་ནི། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བསྟུན། ཕྱིའི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བོད་ཕྱི་ནང་གི་བོད་ཀྱི་སྐད་ཡིག་གི་གནས་བབས་ཇི་ལྟར་ཆགས་ཡོད་པའི་སྐོར་བགྲོ་གླེང་།
ཕྱི་ཟླ་༢ཚེས་༢༡ཉིན་དེ་བཞིན་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་བོད་པའི་སྐད་ཡིག་ཐོག་དོ་ཁུར་ཇི་འདྲ་ཡོད་མེད་དང་། ད་ལྟའི་སྐབས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ཐབས་ལམ་དང་གདོང་ལེན་གནང་དགོས་པའི་གནད་དོན། མ་འོངས་པའི་ཕུག་བསམ་སོགས་ཀྱི་སྐོར། དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་སྡེ་ཚན་གྱི་དགེ་རྒན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས་དང་། ཨོའསི་ཊརེ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་བཅས་རྣམ་པ་གསུམ་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎