ནང་ཆོས་སློབ་གཉེར་གནང་མཁན་ཕྱི་རྒྱལ་བ་གསུམ་གྱིས་ནང་ཆོས་ལ་བལྟ་ཚུལ་དང་དོ་སྣང་སྐོར་ངོ་སྤྲོད་གནང་བ།

བློ་ཁ་ཆོས་སུ་ཕྱོགས་པའི་ཕྱི་རྒྱལ་གྱི་ནང་ཆོས་སློབ་གཉེར་བ་གསུམ་དང་ཁོང་ཚོའི་ནང་ཆོས་ལ་བལྟ་ཚུལ་དང་དོ་སྣང ཇི་ལྟར་སླེབས་པའི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།
ཕ་མ་དང་སྤུན་མཆེད། གཉེན་ཉེར་དང་གྲོགས་པོ་གྲོགས་མོ་དང་བཅས་པ་ཡུན་རིང་ཁ་བྲལ་ནས་ལེ་དབར་སྟོང་ཕྲག་བརྒལ་བའི་སར་ནང་ཆོས་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གྱི་ཆེད་དུ་ལོ་ཟླ་དུ་མའི་རིང་བློས་གཏོང་དང་དཀའ་སྤྱད་འབད་བརྩོན་ཐུབ་པ་དེ་ནི་དངོས་གནས་ཆོད་སེམས་བརྟན་པོ་ཞིག་དགོས་ངེས་རེད།
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བལ་ཡུལ་རྒྱལ་ས་ཀཊ་མན་ཌུའི་ཉེ་འགྲམ་གྱི་དབེན་གནས་ཤིག་ཏུ་ཁྲ་འགུ་སྲས་མཁར་དགུ་ཐོག་ཅེས་པའི་སྒྲུབ་གྲྭ་དེའི་ནང་དེང་སྐབས་རྒྱལ་ཁབ་ཁག་ཉི་ཤུ་རྩ་གྲངས་ནས་ཕེབས་པའི་ནང་ཆོས་སློབ་གཉེར་བ་ཡོད་པ་དང་། དེའི་ཁུངས་ནས་ཨ་ཕི་རི་ཀ་ནས་ཡིན་པའི་དགེ་འདུན་པ་བསམ་གཏན་དང་བརྩོན་འགྲུས་གཉིས་དང་དབྱིན་ལེན་ནས་ཡིན་པའི་དགེ་འདུན་པ་ཀུན་དགའ་བཅས་ཁོང་གསུམ་ལ། ཕྱི་མི་ཞིག་གིས་ནང་ཆོས་སློབ་གཉེར་དང་དགོས་པ་བཅས་ཀྱི་སྐོར། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་དང་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག