ཨི་ཐ་ཀ་གྲོང་ཁྱེར་ནང་བཞེང་རྒྱུའི་རྒྱལ་མཆོག་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་གི་གནད་འགག་དང་དམིགས་ཡུལ།

2022.05.04
ཨི་ཐ་ཀ་གྲོང་ཁྱེར་ནང་བཞེང་རྒྱུའི་རྒྱལ་མཆོག་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་གི་གནད་འགག་དང་དམིགས་ཡུལ། ༢༠༢༢།༤།༢༩། ཨ་མེ་རི་ཀའི་མངའ་སྡེ་ནིའུ་ཡོག་ནང་གི་Ithacaའི་གྲོང་ཁྱེར་ནང་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དངོས་སུ་གསར་བཞེང་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་གནང་ཡོད་པ།
རྡོ་རྗེ་དགྲ་འདུལ།

ཨ་མེ་རི་ཀའི་མངའ་སྡེ་ནིའུ་ཡོག་ནང་གི་Ithacaའི་གྲོང་ཁྱེར་ནང་ཉེ་ལམ་ཕྱི་ཟླ་༤པའི་ཚེས་༢༩ཉིན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དངོས་སུ་གསར་བཞེང་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་སྐབས་ས་གནས་ཀྱི་གནད་ཡོད་མི་སྣ་གལ་ཆེ་ཁག་ཕེབས་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་རེད།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཨ་སྒོར་ས་ཡ་༧ལྷག་ཙམ་གནས་ཀྱི་ཡོད་པའི་ལས་འཆར་དེའི་གནད་འགག་དང་དམིགས་ཡུལ། དེ་བཞིན་ལས་འཆར་དེ་ལོ་གཅིག་གི་རྗེས་༢༠༢༣ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་དངོས་སུ་བཞེངས་བསྐྲུན་ཚར་རྗེས་དབུ་འབྱེད་མཛད་སྒོ་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད་པ་སོགས་ཀྱི་སྐོར། Ithacaར་རྟེན་གཞི་གནང་བའི་རྣམ་རྒྱལ་གྲ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་གཙོ་འཛིན་བསྟན་འཛིན་ཆོས་བཟང་ལགས་དང་། ས་གནས་བོད་མིའི་སྐུ་ཚབ་རྣམ་རྒྱལ་གྲ་ཚང་གི་ནང་ཆོས་ཤེས་ཡོན་སློབ་གཉེར་ཁང་གི་དྲུང་ཡིག་ངག་དབང་དོན་འགྲུབ་ལགས་རྣམ་པ་གཉིས་ལ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་འགན་འཛིན། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎