དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་གི་བྱུང་རིམ་དང་ལོ་རྒྱུས།

དེ་ཡང་ཕྱོགས་གང་ཐད་ནས་ཆོས་ཕྱོགས་དང་ཡང་ཆོས་ཕྱོགས་མ་ཡིན་པའི་ཤེས་ཡོན་སློབ་གསོའི་ཐོག་དཔེ་མཛོད་ཁང་དེས་ཕན་རླབས་ཆེན་པོ་ཡོང་བཞིན་ཡོད
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་དགོན་སྡེ་ཁག་ཤེས་ཡོན་གྱི་ལྟེ་གནས་ཤིག་ཆགས་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་བཞིན། དགོན་སྡེ་གྲྭ་ཚང་ཁག་ཏུ་རྒྱུན་གཏན་ཕྱི་ནང་གི་སློབ་གཉེར་ཆེད་དུ་ཆེ་ཆུང་ལ་མ་བལྟོས་པ་དཔེ་མཛོད་ཁང་ཞིག་མེད་དུ་མི་རུང་བ་ཞིག་ཡིན་ཞིང ། དེང་སྐབས་རྒྱ་གར་ནང་བོད་ཀྱི་དགོན་སྡེ་གྲ་ཚང་ཁག་གིས་དཔེ་མཛོད་ཁང་གསར་འཛུགས་སོགས་གནའ་དེང་གི་ཤེས་ཡོན་དང་ཉམས་ཞིབ་སོགས་ཀྱི་ཐོག་སྔ་དང་མི་འདྲ་བ་དགེ་འདུན་པའི་སྡེ་ནང་དོ་སྣང་ཆེན་པོ་ཞིག་སླེབས་ཡོད།
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དེའི་སྤྱི་ཁྱབ་སློབ་སྟོན་པ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེན་མཆོག་ཡིན་ཞིང་། ཁོང་གིས་ལམ་སྟོན་འོག་དཔེ་མཛོད་ཀྱི་ཆ་རྐྱེན་ཕུན་གསུམ་ཚོགས་པ་བསྐྲུན་ཐུབ་ཡོད་ཅིང་། དེ་ཡང་ཕྱོགས་གང་ཐད་ནས་ཆོས་ཕྱོགས་དང་ཡང་ཆོས་ཕྱོགས་མ་ཡིན་པའི་ཤེས་ཡོན་སློབ་གསོའི་ཐོག་དཔེ་མཛོད་ཁང་དེས་ཕན་རླབས་ཆེན་པོ་ཡོང་བཞིན་ཡོད་འདུག དེ་རིང་དེ་དང་འབྲེལ་རྒྱུད་སྟོད་དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་སུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་འགན་འཛིན། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག