མཁན་རབས་ཀྱི་མཛད་འགན་དང་མཁན་པོའི་ཁྲི་ལ་འཁོད་རབས་ཀྱི་བྱུང་བ།

2021.12.18
མཁན་རབས་ཀྱི་མཛད་འགན་དང་མཁན་པོའི་ཁྲི་ལ་འཁོད་རབས་ཀྱི་བྱུང་བ། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་ཆེ་གདན་རབས་ ༨༠ པ་རྗེ་བཙུན་བློ་བཟང་རྒྱལ་མཚན་མཆོག
གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་།

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་ལམ་གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་ཆེ་གདན་རབས་ ༨༠ པ་རྗེ་བཙུན་བློ་བཟང་རྒྱལ་མཚན་མཆོག་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་པོའི་མཛད་འགན་ལོ་ངོ་ཧྲིལ་པོ་དྲུག་ལྷག་བཞེས་ཏེ། གཙོ་ཆེན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཁག་སྤྱི་དང་། སྒོས་སུ་བོད་རྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཞུ་སྒོ་ཁག་བསྒྲུབས་པའི་ཐུགས་མྱོང་བ་དང་འབྲེལ་ནས། མཁན་རབས་ཀྱི་མཛད་འགན་དང་མཁན་པོའི་ཁྲི་ལ་འཁོད་རབས་ཀྱི་བྱུང་བ་བཅས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་བཀའ་དྲི་ཞུས་པའི་ལས་རིམ་ཞིག་ལ་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎