ཚན་རིག་སློབ་སྦྱོང་དང་ནང་པའི་གྲྭ་བཙུན།
2018.06.26

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། བྱང་ཨ་རིའི་མཐོ་སློབ་ཁག་གི་ཚན་རིག་དགེ་རྒན་བརྒྱ་ཙམ་ཞིག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེ་འབྲས་དགའ་གསུམ་ནང་གྲྭ་བཙུན་ཁྱོན་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་ལ་ཚན་རིག་གི་ལྟ་གྲུབ་དང་དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག དབང་རྩའི་ཚན་རིག་སོགས་ཀྱི་ཟབ་སྦྱོང་ཐེངས་ལྔ་པ་འདི་གནང་ཡོད་ཅིང་། དེ་ཡང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཁོངས་ནས་ད་ལྟ་བར་ལོ་ལྟར་དབྱར་དུས་སུ་བོད་པའི་གྲྭ་བཙུན་ཚོར་ཚན་རིག་གི་ཤེས་ཡོན་སློབ་གསོ་གནང་བ་དེས་ཕན་ནུས་ཆེན་པོ་ལྡན་ཡོད་པའི་སྐོར་ལ་སྒྲོལ་དཀར་ལགས་ཀྱིས་འབྲེལ་ཡོད་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་། །
གསར་འགོད་པ་སྒྲོལ་དཀར།