བོད་ཀྱི་ལོ་སར་སྐབས་རྒྱ་ནག་གིས་བོད་ནང་དམ་དྲག་བྱེད་བཞིན་འདུག
བོད་ཀྱི་ལོ་སར་སྐབས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་ས་ཁུལ་ཁག་ཅིག་ལ་རྣམ་པ་འདྲ་མིན་ཐོག་དམ་དྲག་བྱེད་བཞིན་ཡོད་འདུག
-
2019-02-08 -
-
-
བོད་ཀྱི་ལོ་སར་སྐབས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་ས་ཁུལ་ཁག་ཅིག་ལ་རྣམ་པ་འདྲ་མིན་ཐོག་དམ་དྲག་བྱེད་བཞིན་ཡོད་འདུག
བོད་ནང་བོད་ཀྱི་ལོ་གསར་དུས་ཚིགས་སྐབས་དུས་ཟིང་མི་ཡོང་བའི་དོགས་ཟོན་དུ་དམིགས་ནས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་དོ་ནན་གྱིས་ཆེས་མཐོའི་ཚོགས་འདུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དཔོིན་རིགས་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་དང་། ཞི་ཅིན་པིང་ལ་དགའ་མོས་དང་རྒྱབ་སྐྱོར་དགོས་པའི་མང་ཚོགས་ལ་འཇིགས་སྐུལ་དང་སྡིག་རའི་གཏམ་བཤད་རིམ་པ་སྤེལ་བ། ཡང་གཟའ་འཁོར་གཉིས་ཙམ་གྱི་གོང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕྱོགས་བསྒྲིགས་བྱས་པའི་བརྙན་འཕྲིན་ལས་རིམ་ཚན་པ་རྒྱང་སྲིང་བྱས་པའི་ནང་བོད་རིགས་དམར་ཤོག་ཚོགས་པའི་ཚོགས་མི་ཁག་གཅིག་གིས་ཆོས་དད་བྱས་པ་ལ་སོགས་པའི་ཉེས་མིང་ཐོག་སྒྲིག་ཁྲིམས་ཞིབ་གཤེར་ལྷན་ཁང་གིས་ཉེས་ཆད་བཏང་བ་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱས་འདུག་ལ། བོད་ཀྱི་རྒྱལ་ས་ལྷ་ས་ནས་མིང་འབོད་གནང་འདོད་མེད་པའི་བེུད་ཞིག་གིས་བོད་ཀྱི་ལོ་གསར་སྐབས་གྲོང་ཁྱེར་ལྷ་ས་ནས་ཕྱི་ཕྱོགས་ཐག་རིང་ཞིག་ཏུ་འགྲོ་འདོད་པ་དང་། གནས་སྟངས་ཀྱི་འོག་ནས་ལོ་གསར་ནི་སེམས་པ་སྐྱིད་པོ་ཞིག་ཐོག་ནས་གཏོང་ཐབས་མེད་པ་གསུངས་འདུག
དེ་བཞིན་བོད་ཀྱི་སྨར་ཁམས་ས་ཁུལ་དུ་ཡང་ལོ་གསར་སྐབས་དུས་ཟིང་སྔོན་འགོག་ཆེད་མང་ཚོགས་ཀྱི་ཁྲོད་ནས་རང་རང་སོ་སོའི་ས་ཁུལ་དུ་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་འདུག་ལ། ཆབ་མདོ་ཁུལ་ལ་ཡང་དམ་དྲག་གི་རྣམ་པ་བྱུང་ཡོད་པར་འདི་ག་རླུང་འཕྲིན་ཁང་གིས་ས་གནས་སུ་འབྲེལ་བ་བྱས་སྐབས། བོད་མི་ཞིག་གིས། བོད་ཀྱི་ལོ་སར་སྐབས་སུ་བོད་པའི་གཞོན་སྐྱེས་ཚོར་ལོ་སར་གཏོང་རྒྱུའི་ངལ་གསོ་དུས་ཚོད་ཐུང་ཐུང་ལས་མེད་པ་དང་། འགའ་ཤས་ནི་ལོ་སར་སྔོན་ནས་ངལ་གསོ་དགོངས་པ་ལེན་བཅུག་ནས་ལོ་སར་སྐབས་སུ་གཞུང་ལས་ཁང་ནང་སྡོད་དགོས་པ་བྱུང་བ་དང་། ད་དུང་རྒྱ་ནག་གིས་བོད་མི་ཚོའི་ཁྲོད་དུ་གཞུང་གི་ལས་བྱེད་པ་ཡིན་ན་རྒྱུན་ལྡན་ལྟར་དགོན་པར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ཀྱང་ལོ་གསར་ཚེས་གསུམ་ཉིན་ཆོས་མཇལ་འགྲོ་མཁན་མང་པོ་ཡོད་ལུགས་བརྗོད་བྱུང་།