གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།
2012.02.09
༄༅༎དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། ཉེ་ཆར་ནས་བཟུང་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། དེའི་ཐོག་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཤུགས་ཆེ་རུ་བཏང་ཡོད་པ་བཅས་ཀྱི་གནས་སྟངས་འོག་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཀྱང་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། བྱང་ཨ་རིའི་ས་གནས་ཁག་ཉི་ཤུ་ཙམ་དུ་འདི་ཚེས་བརྒྱད་ཉིན་ཟས་བཅད་ངོ་རྒོལ་དང་། རྔམ་སྟོན་ཁྲོམ་སྐོར། བོད་དོན་གློག་བརྙན་བསྟན་པ། ཞི་བའི་སྐད་འབོད།་ དེ་བཞིན་བརྗོད་ཚིག་སྣ་ཚོགས་འཁོད་པའི་ཕྲེད་དར་དཔྱང་པ། དེ་བཞིན་མར་མེ་ཁྲོམ་སྐོར་སོགས་རྣམ་པ་འདྲ་མིན་གྱི་ལམ་ནས་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་ལ་རྗེས་དྲན་ཞུ་བ་དང་། གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག