དབྱངས་ལ་ཐིམ་པའི་བོད་ཅེས་པའི་གློག་བརྙན་གཟིཌ་འབུལ།
2011.06.22
༄༅༎བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོ་སྒྲིག་གནང་བའི་དངོས་འབྱུང་གློག་བརྙན་དབྱངས་ལ་ཐིམ་པའི་བོད་ཅེས་པ་དེ་ཁ་ས་བཞུགས་སྒར་རྡ་རམ་ས་ལར་གཟིགས་འབུལ་གནང་འདུག།
ངག་དབང་ཆོས་འཕེལ་ལགས་ཁོང་དེ་སྔོན་༡༩༩༥ལོར་བོད་ནང་ཆེད་མངགས་བོད་ཀྱི་སྔར་སྲོལ་རོལ་དབྱངས་དང་གཞས་སྣའི་སྐོར་ཞིབ་འཇུག་གནང་བར་ཕེབས་ཡོད་ནའང༌། སྐབས་དེར་ཁོང་ལ་སོ་མྱུལ་གྱི་ཉེས་པ་བཙུགས་ནས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་ལོ་༡༨རིང་བྱ་རྒྱུའི་ཉེས་ཆད་བཏང་ཡོད་པ་རེད། འོན་ཀྱང་ཁོང་གི་སྐྱེས་མ་དང་ཕྱི་ཕྱོགས་དུ་ཡོད་པའི་བོད་མི་དང་ཚོགས་སྡེ་ཁག་གིས་ལས་འགུལ་སྣེ་མང་ཞིག་སྤེལ་རྗེས་༢༠༠༢ལོར་ཁོང་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་པ་རེད།
དབྱངས་ལ་ཐིམ་པའི་བོད་ཅེས་པའི་དངོས་འབྱུང་གློག་བརྙན་དེའི་ནང་ངག་དབང་ཆོས་འཕེལ་ལགས་ཀྱིས་ བོད་ཀྱི་སྲོལ་རྒྱུན་ཞབས་གཞས་དང་རོལ་དབྱངས་ཁག་ཅིག་སྒྲ་འཇུག་པར་ལེན་གནང་ཡོད་པ་དང༌། བོད་ཕྱི་ནང་གཉིས་སུ་གནས་པའི་རོལ་དབྱངས་སྒྱུ་རྩལ་བ་ཁག་ཅིག་ལ་བཅར་འདྲི་གནང་བ་ཁག་ཕྱོགས་སྒྲིག་ཞུས་ཡོད་པ་རེད། དབྱངས་ལ་ཐིམ་པའི་བོད་གློག་བརྙན་དེ་བཞིན་དེ་རིང་བོད་གཞུང་ཟློས་སྒར་ཚོགས་པ་དང༌། སང་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་པ་ཚོར་གཟིགས་འབུལ་ཞུས་གནང་ཡག་རེད་འདུག།