དྲུག་བཞིའི་ལས་འགུལ་སྤེལ་ནས་ལོ༢༤།


2013.06.04
དྲུག་བཞིའི་ལས་འགུལ་སྤེལ་ནས་ལོ༢༤། དེ་རིང་ཚེས་༤ཉིན་ཧོང་ཀོང་ནང་མི་མང་སྟོག་ཕྲག་མང་པོས་དྲུག་བཞིའི་ལས་འགུལ་དག་སེལ་དགོས་པའི་དགོས་འདུན་བཏོན་ཡོད་པ།
ཨེ་ཨེཕ་པི།

༄༅༎དེ་རིང་ཚེས ༤ ཉིན་ནི། དེ་སྔ་༡༩༨༩ ལོའི་ཕྱི་ཟླ་དྲུག་པའི་ཚེས་༤ ཉིན།  པེ་ཅིན་གནམ་བདེའི་སྒོ་མོ་ཆེའི་ཐང་ཆེན་དུ།  སློབ་མ་གཙོས་པའི་མི་མང་ཁྲི་ཕྲག་མང་པོས་དམངས་གཙོའི་ལས་འགུལ་སྤེལ་སྐབས།  རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དྲན་གསོ་ཉིན་མོ་ཡིན་པར་བརྟེན།  ཧོང་ཀོང་གི་མི་དམངས་སྟོང་ཕྲག་མང་པོས་ལག་ཏུ་མར་མེ་འཁྱེར་ཏེ་། དྲུག་བཞིའི་ལས་འགུལ་དག་སེལ་བྱེད་དགོས་པའི་དགོས་འདུན་བཏོན་ནས།  དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་འདུག  རྒྱ་ནག་ནང་དུ་དམངས་གཙོ་དོན་གཉེར་ཚོར་དམ་དྲག་ནན་མོ་བྱས་ཡོད་པ་མ་ཟད། གནས་འཕྲིན་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐོར་བཀག་འགོག་བྱས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎