ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ལེགས་བཅོས་དགོས་པའི་ཞུ་འབོད།
རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཤིག་གི་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས།
-
2020-10-24 -
-
-
Your browser doesn’t support HTML5 audio
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་༧༥འཁོར་བའི་དུས་དྲན་དང་བསྟུན།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་གཏོར་བཤིག་གཏོང་གི་ཡོད་པས།འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་གཏོང་དགོས་པའི་སྙན་ཐོ་ཞིག་བཏོན་གནང་འདུག།
ལོ་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་གྱི་བསྐྱར་ཞིབ་དབུ་འཛུགས་གནང་ཡོད་པ་དང་།ད་ཆར་འཚོགས་བཞིན་པའི་བསྐྱར་ཞིབ་སྐབས་སུ།འབྲེལ་ཡོད་ལས་འཛིན་པས།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་།རྒྱ་གཞུང་དང་ཆ་འདྲ་བའི་རྒྱལ་ཁབ་གཞན་དག་གིས་དབང་འཛིན་བཀོད་ཁྱབ་དང་།སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་འདུན་པ་ཁོ་ན་སྒྲུབ་ཆེད་མི་མང་གི་ཐོབ་ཐང་དང་དབང་ཆ་བཙན་འཕྲོག་བྱེད་བཞིན་པར་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་སྙན་ཐོ།(རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཤིག་གི་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས།)ཟེར་བ་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་གནང་ཡོད་ཅིང་།ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་དོན་ལས་འཛིན་ལྷན་ཚོགས་ཀྱིས།སྒྲིག་གཞི་མང་པོ་ལ་བསྐྱར་ཞིབ་ཀྱི་ལས་གཞི་མགོ་བཙུགས་ཡོད་པས།སྐབས་དེར་གྲངས་ཉུང་མི་རིགས་དང་གཞི་རིམ་མང་ཚོགས་ཀྱིས་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པར།ནུས་པ་ཤུགས་ཆེར་གཏོང་ཆེད་སྒྲིག་གཞི་བསྐྱར་བཅོས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་འགྲེལ་བརྗོད་གནང་འདུག།